top of page
ཤེས་རིག་ལྷན་ཚོགས།
WhatsApp Image 2024-08-26 at 17.13.44.jpeg

ཚོགས་པའི་ངོ་སྤྲོད།
དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོའི་ཤེས་རིག་ལྷན་ཚོགས་འདི་ནི། སྔོན་དུས་མཁན་ཆེན་ཨ་པད་རིན་པོ་ཆེའི་སྐབས་ནས་ཤེས་རིག་ལྷན་ཚོགས་ཤིག་ཡོད་པ་ལྟར། མཐོ་སློབ་ཀྱི་མཁན་རབས་བཞི་པ་ལུགས་གཉིས་མཁྱེན་པའི་མངའ་བདག ལྔ་རིག་སྨྲ་བའི་དབང་པོ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་གིས་བཤད་གྲྭ་འདིར་དུས་རབས་ཀྱི་དགོས་མཁོར་གཟིགས་ཏེ་ཚོགས་པ་འགའ་ཞིག་གསར་འཛུགས་དང་བསྐྱར་གསོ་གནང་བ་ལས། གཙོ་བོ་སློབ་གཉེར་བའི་ཤེས་ཡོན་ཡར་རྒྱས་ཡོང་ཐབས་ཁོ་ནར་དམིགས་ཏེ་ཕྱི་ལོ་༢༠༠༦ ཟླ་བ་༩ ཚེས་༢༡ ཉིན་བསྐྱར་གསོ་གནང་བ་ཞིག་ཡིན།

 

ཚོགས་པའི་གྲུབ་ཚུལ་དང་དམིགས་ཡུལ།
ཤེས་རིག་ལྷན་ཚོགས་ཀྱི་གྲུབ་ཚུལ་ནི། དེང་རབས་དམངས་གཙོའི་ལམ་སྲོལ་བཞིན་འོས་ཤོག་གི་ལམ་ནས་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཡིག་བཅས་འདེམས་རྒྱུ་དང་། དེ་དག་གི་ལས་དོན་གཙོ་བོ་ནི། མཐོ་སློབ་འདིའི་སློབ་ཕྲུག་ཡོངས་ཀྱི་སློབ་གཉེར་འཕེལ་རྒྱས་སུ་འགྲོ་ཐབས་གནང་རྒྱུ་དང་། དེའི་ཆེད་ལོ་རེའི་སློབ་ཚན་དང་། རྒྱུན་གྱི་ཆོས་ར། དམ་བཅའ་ཆེན་མོ། ཉིན་རེའི་འཛིན་གྲྭ་བཅས་སུ་གཙོ་བོ་མཁན་པོ་དང་། དགེ་རྒན། སྐྱོར་དཔོན་སོ་སོས་འགན་ཁུར་ཏེ་རྒྱུན་དུ་གཟིགས་རྟོག་གནང་རྒྱུས་མཚོན། དུས་སྐབས་ལ་ལར་རིས་མེད་ཀྱི་མཁས་པ་དང་། ཉམས་མྱོང་ཅན་གྱི་ཤེས་ཡོན་པ་ཁག་གདན་ཞུས་ཀྱིས་སློབ་མ་ཡོངས་ལ་ཟབ་སྦྱོང་དང་། ཆོས་ཀྱི་ཤེས་བྱ་དང་འབྲེལ་བའི་བགྲོ་གླེང་གོ་སྒྲིག། སློབ་གྲྭའི་ནང་ཁུལ་གྱི་དགེ་རྒན་རྣམ་པས་ཀྱང་ཟླ་རེ་བཞིན་རེས་མོས་ཀྱིས་སློབ་གཉེར་བ་ཚོར་སློབ་གསོ་སྤེལ་རྒྱུ། སློབ་གཉེར་བ་ནང་ཁུལ་དུ་རྩོམ་ཡིག་འགྲན་བསྡུར་དང་། གཞུང་འགྲེལ་དང་། རྣམ་ཐར། དུས་དེབ་འདོན་སྤེལ་སོགས་སློབ་གཉེར་ཡར་རྒྱས་ལ་སྨན་པའི་ལས་དོན་སྣ་མང་བསྒྲུབ་རྒྱུ་དེ་ཡིན། 

 

ཚོགས་མི།
ཤེས་རིག་བསླབ་ཡུལ་གྱི་སློབ་གྲྭ་ཞིག་ལ་མཚོན་ན། དགེ་རྒན་ནི་ལམ་སྟོན་སྒྲོན་མེ་ལྟ་བུ་ཡིན་ཏེ། སྒྲོན་མེའི་འོད་སྣང་རེ་རེས་འཇིག་རྟེན་གྱི་ཕྱོགས་སོ་སོའི་མ་རིག་པའི་མུན་པའི་དཔུང་ཚོགས་མཐའ་དག་སེལ་ཐུབ་པ་བཞིན། མཐོ་རིམ་སློབ་གླིང་འདིར་མཚོན་ན་ཡང་། མཁན་པོ་དང་དགེ་རྒན་རྣམས་ནི་གསེར་མདོག་གིས་འཚེར་བཞིན་པའི་སྒྲོན་མེ་རེ་རེ་ཡིན་ཞིང་། འོད་སྣང་གིས་ཕྱུག་པའི་སྒྲོན་མེ་རེ་རེ་ནས་ལྷན་ཚོགས་འདིའི་གྲུབ་ཆར་གྱུར་ཡོད།

Admission

Gorum Library

SAKYA COLLEGE ,  P.O. RAJPUR,  MUSSOORIE ROAD

DEHRADUN 248 009  (UTTARAKHAND) INDIA

Contact No: +91 81263 91959, + 91 70172 02674

E-mail: sakyacollege2013@gmail.com

  • Instagram
  • Facebook
  • Twitter
  • YouTube

Sachen School

Gallery

Support Us

Subscribe to our Newsletter

Copyright © 2024 Sakya College

bottom of page