top of page

Ebook Downloads

དཔེ་མཛོད་གསར་པ་དབུ་འབྱེད།

མཐོ་སློབ་འདིར་དེ་སྔོན་ནས་སྒོ་རུམ་དཔེ་མཛོད་ཁང་ཡོད་ནའང་། དཔེ་ཆའི་གྲངས་འབོར་ཇེ་མང་དང་ཇེ་ལེགས་སུ་སོང་བའི་དུས་སྐབས་དང་བསྟུན། དཔེ་མཛོད་རྙིང་པ་དེ་གཞི་རྒྱ་ཆུང་དྲགས་པ་དང་། གཙུག་ལག་ཁང་གི་ཐོག་ཁར་ཡོད་པས་དཔེ་ཆ་ཕོན་ཆེན་སྤུངས་ན་ཁང་པར་གནོད་ངོ་ཆེ་བ་སོགས་རྒྱུ་མཚན་མང་པོའི་དབང་གིས་སྔར་ནས་འཆར་གཞི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༡ པོའི་ཕྱི་ཚེས་ ༢༤ གཟའ་སྐར་དགེ་བའི་ཉིན་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དངོས་སུ་ཞབས་ཀྱིས་བཅགས་ཏེ་ས་གཞི་བྱིན་རླབས་དང་རྨང་རྡོ་འཇོག་པར་མཛད། མཚན་ཡང་དེ་སྔོན་གྱི་དཔེ་ཁང་རྙིང་པའི་མཚན་སོར་བཞག་ཐོག་ཏུ་” གསུང་རབ་རྒྱ་མཚོའི་གླིང་།“ ཞེས་མཚན་གསོལ། དཔེ་མཛོད་ཁང་འདི་ནི་སྤྱི་ལོ་༢༠༡༥ ལོར་གསར་བཞེངས་ལེགས་པར་གྲུབ།

 

དཔེ་མཛོད་འདིར་རྒྱལ་བའི་གསུང་རབ་བཀའ་བསྟན་གཉིས་ཀྱིས་དབུས་ཆོས་བརྒྱུད་གྲུབ་མཐའ་རིས་སུ་མ་ཆད་པའི་གཞུང་འགྲེལ་བརྒྱ་ཕྲག་མང་པོ་དང་། ཆོས་འབྱུ རྒྱལ་རབས། སྙན་ངག བརྡ་སྤྲོད། རྩོམ་རིག་སོགས་སྲོལ་རྒྱུན་སློབ་གཉེར་བ་དང་། དེང་རབས་ཞིབ་འཇུག་པ་རྣམས་ལ་དགོས་ངེས་ཀྱི་དཔེ་དེབ་ཁྲི་ཕྲག་བརྒལ་བ་བཞུགས་པར་མ་ཟད། ད་དུང་གནའ་དེང་གི་མཁས་པ་མང་པོའི་གསུང་སྒྲ་ཐག་བརྒྱུད་ནས་མཉན་ས་སྒྲ་མཛོད་ཁང་། དྲྭ་རྒྱ་བརྒྱུད་ནས་དཔྱད་ཡིག་འཚོལ་བ་དང་། ཡིག་ཆ་ཀློག་ཀླད་དུ་འཇུག་པ་དང་། པར་འདེབས་པ་སོགས་ཀྱི་ཆེད་ཀློག་ཀླད་སྡེ་ཚན། ཟབ་སྦྱོང་དང་བགྲོ་གླེང་གནང་ཡུལ་གྱི་ཚོགས་ཁང་དང་། ཚོམས་ཆེན། སློབ་གཉེར་བ་རྣམས་ཀྱིས་རྒྱུན་དུ་དཔེ་ཀློག་དང་། རྩོམ་འབྲི། ཞིབ་འཇུག་གནང་ཡུལ་སོགས་དེང་སྐབས་ཀྱི་དཔེ་མཛོད་ཁང་ཞིག་ལ་དགོས་ངེས་ཀྱི་མཐུན་རྐྱེན་ཕལ་ཆེར་འཛོམས་ཡོད།

l1.jpg

The new library is adorned with full sets of Kangyurs and Tengyurs, which contain the words of the Buddha Śākyāmuni. Additionally, it houses hundreds of texts and commentaries on Buddhist philosophical studies from various sects, as well as multilingual texts on grammatologies, historiographies, hagiographies, theologies, poetries, philologies, and other Buddhism-related genres. This extensive collection, numbering more than ten thousand, serves not only the daily needs of traditional academia students but also holds value for modern researchers.

Moreover, the library features a separate multimedia archive room with audio cassettes, CD recordings, and other audio/video formats preserving teachings from past and present teachers. A computer lab is also available for researchers and students to conduct online research, teaching, access texts and scriptures, as well as perform photocopying and scanning tasks. Additionally, there is an auditorium for hosting scholarly discussions and intensive programs, along with isolated seating areas equipped with modern facilities, meeting the standards found in international universities.

Admission

Gorum Library

SAKYA COLLEGE ,  P.O. RAJPUR,  MUSSOORIE ROAD

DEHRADUN 248 009  (UTTARAKHAND) INDIA

Contact No: +91 81263 91959, + 91 70172 02674

E-mail: sakyacollege2013@gmail.com

  • Instagram
  • Facebook
  • Twitter
  • YouTube

Sachen School

Gallery

Support Us

Subscribe to our Newsletter

Copyright © 2024 Sakya College

bottom of page